[toc]
ཙ་ཡི་སྡེ་ཚན།
༡) གཙགས། ༢) གཙག ༣) གཙག ༤) གཙོགས།
བྱེད་འབྲེལ། གཤག་པའམ་སྣུན་པའི་དོན། གཙགས་ཁབ་ཀྱིས་གཙགས་ནས་མ་དཔེའི་ཐོག་གཙགས། རྣག་ཐོག་གཙག་འཁེལ་ལྟ་བུའོ།། རྡུང་བའི་དོན་ལ་བཙོགས་བྲིས་པའང་ཡོད།
༡) བཙབས། ༢) བཙབ། ༣) གཙབ། ༤) གཙོབས།
བྱེད་འབྲེལ། དུམ་བུར་ཆུང་ངུར་བཅད་པའི་དོན། ཤིང་གཙབ་བཞིན། ཙི་ཙིས་གོས་བཙབ་ཡོང༌། ཤ་བཙབས་ནས་བརྔོས་ལྟ་བུའོ།།
༡) བཙགས། ༢) བཙག ༣) འཚག ༤) ཚོགས།
བྱེད་འབྲེལ། འཚག་མའི་སྣང་འཚག་པའི་དོན། ཇ་བཙག་དགོས། རྩམ་པ་བཙགས་ནས། འཚག་མཁན་གྱིས་ཚོགས་ཤིག་ལྟ་བུའོ།།
༡) བཙངས། ༢) བཙང༌། ༣) འཚང༌། ༤) ཚོངས།
བྱེད་འབྲེལ། སྣོད་ནང་དུ་འཚང་དུ་འཇུག་པའི་དོན། གདན་ནང་ཤིང་བལ་བཙང༌། མ་ཆུད་ན་བཙོང་དགོས། ནང་དུ་བཙངས་ནས་བསྡད་ལྟ་བུའོ།།
༡) བཙལ། ༢) འཚོལ། ༣) ཚོལ།
བྱེད་འབྲེལ། རྙེད་ཐབས་བྱེད་པའི་དོན། བཏགས་དོན་བཙལ། ནོར་བཙལ། བདེན་དོན་འཚོལ། བརླགས་ན་བཙལ་དགོས་ལྟ་བུ་དང༌། ཕྱག་བཙལ་བ། འཚལ་བ་ལྟ་བུ་ཡོད།
༡) བཙས། ༢) བཙའ། ༣) བཙའ།
བྱེད་མེད། ཕྲུ་གུ་བཙས་ལྟ་བུ་མངལ་ནས་ཕྱིར་ཐོན་པའི་དོན་དང༌། གྲུའི་བཙའ་ནི་གྲུའི་གླ། གྲི་ལ་བཙའ་རྒྱག ལོ་ཏོག་ལ་བཙའ་ཕོག ལྟ་བུ་ཡོད། བཙས་མ་ནི་ལོ་ཏོག་ལ་ཟེར། བདུད་ཀྱི་མིག་རས་བཙའ་བཞིན་དུ། །དགྱེས་པའི་སྤྱན་གྱིས་དུས་ཀུན་ཉེར་བཙའ་བའི། །ལྟ་བུ་ཡོད་དོ།།
གཙིགས། (གཟུགས་མི་འགྱུར་བ།) བྱེད་འབྲེལ། ཁ་གདངས་ཤིང་མཆེ་བ་གཙིགས་ལྟ་བུ་མཆེ་བ་འདོན་པའི་དོན་དང༌། ལས་འབྲས་ལ་གཙིགས་སུ་བྱས་ལྟ་བུ་ཡོད། གཙིགས་དང་རྩིགས་དོན་འདྲ། རྩ་ཆེན་བྱེད་པའི་དོན་ནོ།།
༡) བཙིར། ༢) འཚིར། ༣) ཚིར།
བྱེད་འབྲེལ། ཕྱོགས་གཉིས་བར་མནན་པའི་དོན། རྡོའི་བར་བཙིར། གོས་ལ་ཆུ་ཡོད་ན་བཙིར་དགོས། སྐམ་པས་ལྕགས་འཚིར་བཞིན། ཁྲིམས་ཀྱིས་བཙིར། མ་འོངས་པར་གཙིར་བྲིས་ཀྱང་འཐུས།
༡) གཙུབས། ༢) གཙུབ། ༣) གཙུབ། ༤) གཙུབས།
བྱེད་འབྲེལ། ཕན་ཚུན་བརྡར་བའི་དོན། གྲི་ཁ་རྡོ་ལ་གཙུབ། གཙུབ་རྡར། གཙུབས་ཤིང་གཙུབས་ནས་མེ་འབར་ལྟ་བུའོ།།
གཙེར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སུན་གཙེར་བྱེད་པའི་དོན། སྐད་ཆེས་རྣ་བ་གཙེར། སྐྱུར་མོས་སོ་གཅེར་ལྟ་བུའོ།།
༡) བཙུགས། ༢ )གཟུག ༣) འཛུགས། ༤) ཚུགས།
བྱེད་འབྲེལ། ཚུགས་སུ་འཇུག་པའི་དོན། ཤིང་སྡོང་བཙུགས། སློབ་གྲྭ་བཙུགས། གྲི་བཙུགས་ལྟ་བུ་དང༌། མ་འོངས་པར་བཙུག་དང༌། གཟུགས་བྲིས་པའང་འདུག
༡) གཙེས། ༢) གཙེ། ༣) གཙེ། ༤) གཙེས།
བྱེད་འབྲེལ། འཚེ་བར་བྱེད་པའི་དོན། གཞན་ལ་གཙེས་པའི་ལས་མ་བྱེད། གཙེ་བཞིན་པ། གཙེས་ནས་ལྟ་བུའོ།།
༡) བཙེམས། ༢) བཙེམ། ༣) ཚེམ། ༤) ཚེམས།
བྱེད་འབྲེལ། གྱོན་གོས་ཚེམ་དུ་འཇུག་པའི་དོན། ན་བཟའ་བཙེམ་དགོས། ཁབ་ཀྱིས་ཚེམ་བཞིན། བཙེམས་ཚར་ལྟ་བུ་དང༌། སོ་ལ་ཚེམས་དང༌། འཚེམས་ལུས་མེད་པ་ལྟ་བུའང་ཡོད།
༡) བཙོས། ༢) བཙོ། ༣) འཚོད། ༤) ཚོས།
བྱེད་འབྲེལ། ཚོས་འཇུག་པའི་དོན། ཤ་བཙོས། འབྲས་བཙོས་ནས། འཚོད་བཞིན། བཙོ་བླག་ནི་ཚོས་མཁན། བཙོ་མ་ནི་སླད་མེད་པའི་དོན། གསེར་བཙོ་མ་ལྟ་བུའོ།།
༡) བཙོགས། ༢) བཙོག ༣) འཚོག ༤ )ཚོགས།
བྱེད་འབྲེལ། རྡུང་རྡེག་གཏོང་བའི་དོན། བཙོག་ནི་མི་གཙང་བའི་བཙོག་པ་ཡིན། འོག་ཏུ་མནན་ཏེ་རྡུང་བའི་དོན་ཡིན།
༡) བཙོངས། ༢) བཙོང༌། ༣) འཚོང༌། ༤) ཚོངས།
བྱེད་འབྲེལ། རིན་བླངས་ནས་སྤྲད་པའི་དོན། འཚོང་མཁན་འཚོང་པ། ཅ་ལག་བཙོངས་ཟིན། བཙོང་རྒྱུ། འཚོང་བཞིན། ཙོང་ལ་བཙོང་བྲིས་པའང་ཡོད།
༡) བརྩིག ༢) བརྩིག ༣) རྩིག ༤) རྩིགས།
བྱེད་འབྲེལ། རྡོ་སོགས་རྩིག་པའི་དོན། རྡོ་རྩིག གྱང་རྩིག བརྩིག་བྱ། རྩིག་བྱེད། བརྩིགས་ནས་ལྟ་བུ་དང། རྩིགས་སུ་བྱས་བྲིས་འདུག་པས་གཙིགས་སུ་བྱས་ཞེས་པ་དང་འདྲའོ།། ཡང་རྩིས་སུ་བྱས་པའང་ཡོད།
༡) བརྩེགས། ༢) བརྩེག ༣) རྩེག ༤) རྩེགས།
བྱེད་འབྲེལ། གཅིག་ཐོག་གཅིག་རྩེག་པའི་དོན། རྐྱང་འདོགས་བརྩེགས་གསུམ། ཁུར་པོའི་ཐོག་ཁུར་པོ་རྩེག ཀ་བའི་ཐོག་གདུང་མ་རྩེག་པ་ཡོད་ཀྱང་རྩིག་པ་མེད་སྙམ།
རྩེན། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། རྩེད་མོ་རྩེ་བའི་དོན། དགའ་བའི་གར་དུ་རྩེན། སྤྲིན་དཀར་གནམ་ལ་རྩེན་ལྟ་བུའོ།།
༡) བརྩེངས། ༢) བརྩེང༌། ༣) རྩེང༌། ༤) རྩེངས།
བྱེད་འབྲེལ། འགྲེང་དུ་འཇུག་པའི་དོན། དར་ཤིང་བརྩེང་དགོས། རྩེང་ལངས་ནས་ཐོན་ལྟ་བུའོ།། ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་མི་བྱའོ་གསུངས།
༡) བརྩད། ༢) བརྩད། ༣) རྩོད། ༤) རྩོད།
བྱེད་འབྲེལ། དགག་སྒྲུབ་བྱེད་པའི་དོན། གནད་དོན་རྩོད་བཞིན། འཐབ་རྩོད། རྩོད་གྲྭ། བརྩད་ནས་ལྟ་བུའོ།།
༡) བརྩམས། ༢) བརྩམ། ༣) རྩོམ། ༤) རྩོམས།
བྱེད་འབྲེལ། བྱ་བ་ཞིག་ལ་འབད་པའི་དོན། དཔེ་ཆ་རྩོམ། ལས་ཀ་རྩོམ། རྩོམ་མཁན། བརྩམ་བྱ། བརྩམས་ནས། རྩོམ་དེབ་ལྟ་བུའོ།།
༡) བརྩལ། ༢) བརྩལ། ༣) རྩོལ། ༤) རྩོལ།
བྱེད་འབྲེལ། འབད་པའི་དོན། ལས་རྩོལ། ངལ་རྩོལ། རྩོལ་བྱུང༌། བརྩལ་ནས་བསྐྲུན་ལྟ་བུའོ།།
༡) བརྩིས། ༢) བརྩི། ༣) རྩི། ༤) རྩིས།
བྱེད་འབྲེལ། གྲངས་རྩི་བའི་དོན། རྩིས་པས་བརྩི་བྱའི་གྲངས་རྩིས་ནས་ད་དུང་རྩིས་ཤིག་ལྟ་བུ་དང༌། བཀའ་ལ་རྩི་བཞིན། རྩི་འཇོག་ལྟ་བུའོ།།
བརྩེ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། བྱམས་བརྩེ་བྱེད་པའི་དོན། ཕ་མའི་བརྩེ་བ། བྱམས་བརྩེ། མཛའ་བརྩེ། བརྩེ་དུངས་ལྟ་བུའོ།།
༡) བརྩེས། ༢) བརྩེ། ༣) རྩེ། ༤) རྩེས།
བྱེད་འབྲེལ། རྩེད་མོ་རྩེད་བའི་དོན། རྩེད་མོ་རྩེ་བཞིན་པ། བརྩེ་དགོས། བརྩེས་ནས། གཞན་ཡང་རྩེས་ཤིག་ལྟ་བུའོ།།
བརྩོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། འབད་པའི་དོན། བརྩོན་འགྲུས། འབད་བརྩོན་ལྟ་བུའོ།།
སྩལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། གནང་བའི་དོན། བཀའ་རྩོལ། གསོལ་སྩལ། བསྩལ་འབྲི་མི་རིགས་ཏེ། བརྡ་རྙིང་བསྩལ་དང༌། སྩེལ། སྩོལ་ནི། བསལ་དང༌། སེལ། སོལ་བཅས་ཀྱི་འབྲི་ཚུལ་ཡིན་པས་འདིའི་འདས་མ་འོངས་ལ་སྔོན་འཇུག་འབྲི་མི་རུང་ངོ༌།།
ཚ་ཡི་སྡེ་ཚན།
ཚད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཚད་འཇལ་བའི་དོན། རིང་ཐུང་ཚད། ཞེང་ཁ་ཚད་ལྟ་བུ་དང༌། ཚ་བ་ལ་ཚད་པ། ཚད་མ། ཚད་ལྡན་ལྟ་བུ་ཡོད་དོ།།
ཚར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ཟིན་པའི་དོན། ལས་ཚར། བྱེད་ཚར། འཐུང་ཚར་ལྟ་བུའོ།།
༡) ཚབ། ༢) འཚབ། ༣) འཚབ། ༤) ཚོབས།
བྱེད་འབྲེལ། སྐྱིན་པ་སྦྱིན་པའི་དོན། རྟ་ཚབ། མི་ཚབ། གཞུང་ཚབ། འཚབ་མཁན། འཚབ་བཞིན་པ། ཚབ་ནས་ལྟ་བུའོ།། འཚབ་ནི་སེམས་འཚབ་པའི་ད་ལྟ་དང་མ་འོངས་པར་འཇུག་གོ།
༡) ཚིམས། ༢) ཚིམ། ༣) ཚིམ།
བྱེད་མེད། འདོད་པ་ཁང་བའི་དོན། ཡིད་ཚིམ་བཞིན། བཟའ་བཏུང་གིས་ཚིམས་ལྟ་བུ་དང༌། ཚིམས་པ་ངོམས་པ་འདྲའོ།།
ཚུགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཚོ་ཟིན་པའི་དོན། རྩ་བ་ཚུགས། རང་ཚུགས་ཐུབ་ལྟ་བུའོ།།
ཚེགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ངལ་བའི་དོན། ལུས་ཚེགས། སེམས་ཚེགས། དཀའ་ཚེགས། ཚེགས་མེད་དུ་ཤེས་ལྟ་བུའོ།།
ཚེས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཟླ་བ་དཀར་ཆ་འཕེལ་བའི་དོན། ཡར་ཚེས། ཟླ་ཚེས་ལྟ་བུའོ།།
ཚོགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཛོམས་པའི་དོན། མི་ཚོགས། སྣོད་རྡོལ་ཆུ་མི་ཚོགས། ཁ་མི་ཚོགས་པས་གཞན་ལ་བཤད་ལྟ་བུ་ཡོད་དོ།།
ཚོམ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། དོགས་པའི་དོན། ཐེ་ཚོམ། ཅུང་ཟད་ཚོམ། ཚམ་ཚོམ་མེད་པ་ལྟ་བུ་དང༌། ཚོམ་བུ་བཀོད་ལྟ་བུ་ཡོད་དོ།།
ཚོར། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། མྱོང་ཚོར་བྱུང་བའི་དོན། རྣ་བར་ཚོར། བདེ་བ་ཚོར། ཚོར་སྣང་ལྟ་བུ་དང༌། ཁྱེད་ཚོར་ལྟ་བུ་ལ་དོན་སྦྱར་ཚུལ་ཡང་ཡོད་དོ།།
མཚན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། རྟགས་མཚན་བརྒྱན་པའི་དོན། ཨས་མཚན་པ། ནོར་བུས་མཚན་པ། རྒྱུ་མཚན། རྟགས་ཀྱིས་མཚན་པ་ལྟ་བུའོ།།
༡) འཚགས། ༢) འཚག ༣) འཚག ༤) ཚོགས།
བྱེད་འབྲེལ། ནོར་འཚག་ལྟ་བུ་གསོག་པའི་དོན་དང༌། འབྲུ་འཚག ཆུ་འཚག་ལྟ་བུ་སྙིགས་བཏོན་པའི་དོན་ནོ།།
མཚུངས། (གཟུགས་མི་འགྱུར་བ།) བྱེད་མེད། འདྲ་བའི་དོན། གཡུ་དང་མཚུངས། མཚུངས་མེད་ལྟ་བུའོ།།
མཚོན། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། གོ་བྱེད་དུ་འགོད་པའི་དོན། རལ་གྲིས་འཇམ་དབྱངས་མཚོན། འདིས་མཚོན། མཚོན་ཆ་ལྟ་བུ་ཡོད།
༡) འཚབས། ༢) འཚབ། ༣) འཚབ།
བྱེད་མེད། སེམས་འཚབ་འཚུབ་བྱེད་པའི་དོན། དགྲ་སར་འཚབ་མི་ཉན། ཐུགས་མ་འཚབས། ཐུགས་འཚབ་ཆེན་པོ་ལྟ་བུ་དང༌། གཡར་ནས་འཚབ་པའང་ཡོད།
༡) འཚམས། ༢) འཚམ། ༣) འཚམ།
བྱེད་མེད། འགྲིགས་པའི་དོན། འོས་ཤིང་འཚམས། ལུས་ལ་འཚམས་པའི་གོས་ལྟ་བུ་དང༌། མཐོ་འཚམས་པ། འཚམ་པ་ཡོད་གསུངས།
༡) ཚིག ༢) འཚིག ༣) འཚིག
བྱེད་མེད། མེས་ཚིག་པའི་དོན། མེས་ཚིག་བཞིན་པ། འཚིག་ཡོང༌། ཚིག་ནས། འཚིག་པ་ཟ། འདས་ཚིག་ལ་ཚིགས་བྲིས་པའང་འདུག
༡) ཚུད། ༢) འཚུད། ༣) འཚུད།
བྱེད་མེད། གྲས་སུ་ཚུད་པའི་དོན། དེའི་ནང་འཚུད་ཐབས་བྱེད། ཚུད་ཟིན། བཙུད་དེ་ཚུད་སོང༌། ཆུད་པ་དང་ཚུད་པ་འདྲ།
༡) འཚུབས། ༢) འཚུབ། ༣) འཚུབ།
བྱེད་མེད། གཡོ་འགུལ་ཆེ་བའི་དོན། ཁ་ཆར་བུ་ཡུག་འཚུབས། བུ་དེ་འཚུབ་པོ་འདུག་ལྟ་བུའོ།།
འཚེངས། (གཟུགས་མི་འགྱུར་བ།)
བྱེད་མེད། རེ་བ་བཞིན་བྱུང་བའི་དོན། སྙིང་འཚེངས། ཡིད་འཚེངས། ལྟ་བུ་དང༌། འཚེང་དང་འཚེངས་དུམ་ཕྱེ་ཡང་འཐུས། ཚིམས་དང་འདྲ།
མཚེར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མི་སྐྱིད་པའི་དོན། ལས་ཀ་ལ་མཚེར། མཚེར་སྣང་ལྟ་བུ་སྔོན་འཇུག་འ་མ་གང་བྱས་ཀྱང་འཐུས།
༡) འཚོས། ༢) འཚོ། ༣) འཚོ།
བྱེད་མེད། གསོ་སྐྱོང་བྱེད་པའི་དོན། ཕྱུགས་འཚོ། འཚོ་མཁན་རྫི་བོ། འཚོ་ཐབས། འཚོ་གནས་ལྟ་བུའོ།།
འཚོབ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། སོར་ཆུད་པའི་དོན། རྒྱལ་བའི་གདུང་འཚོབ། རྨ་ཁ་འཚོབ་ལྟ་བུ། འཚོབས་པ་དང་འཚོབ་པ་དུས་སོ་སོའང་འཐུས།
ཛ་ཡི་སྡེ་ཚན།
མཛད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བྱེད་པའི་ཞེ་ས་ཡིན། དགེ་རྒན་མཛད། དབུ་མཛད་ལྟ་བུའོ།། སྐུལ་ཚིག་ལ་མཛོད་བྲིས་ཀྱང་འཐུས།
༡) ཟགས། ༢)ཟག ༣) འཛག
བྱེད་མེད། མར་དོན་སོང་བའི་དོན། ཐིགས་པ་འཛག སྣོད་འཛག གང་ཟག འཛག་བཞིན། ཟག་ཡོང༌། ཟགས་ནས་ལྟ་བུའོ།།
༡) ཟད། ༢) འཛད། ༣) འཛད།
བྱེད་མེད། རྫོགས་སོང་བའི་དོན། འཛད་མཐའ་མེད། ནོར་འཛད་བཞིན། ཟད་སོང༌། བྱ་ཐབས་ཟད་ལྟ་བུའོ།།
༡) ཟོས། ༢) ཟ། ༣) འཛའ།
བྱེད་མེད། ཆུད་ཟོས་སུ་སོང༌། ལས་བྱས་པ་ཆུད་མི་འཛའ། གོ་སྐབས་ཆུད་ཟོས་ལྟ་བུ་འཕྲོ་བརླག་ཏུ་སོང་བའི་དོན་ནོ།། བྱེད་འབྲེལ་ལས་ཚིག་ཡིན་གསུངས་པའང་འདུག
༡) བཟར། ༢) གཟར། ༣) འཛར། ༤) གཟེར།
བྱེད་འབྲེལ། ཐུར་དུ་མར་འཕྱང་བཅུག་པའི་དོན། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། གོས་ཀ་བར་འཛར་བཞིན། རྟ་སྒའི་ཀོ་གཟར། ཤིང་གི་གཟར་བུ། གཡང་གཟར་པོ། ལྕགས་གཟེར། འོད་གཟེར་དང་འོད་ཟེར་འདྲ། ད་ལྟ་བར་གཟར་བྲིས་པའང་འདུག
༡) འཛིངས། ༢) འཛིང༌། ༣) འཛིང༌།
བྱེད་འབྲེལ། འཐབ་པའི་དོན། དགྲ་ལ་འཛིངས། ཁ་འཛིངས་ཤོར། སྐྲ་གྱེན་དུ་འཛིང་པ་ནི་ལངས་པའི་དོན་དང༌། ལས་སྣེ་འཛིང་ལྟ་བུ་ཡོད།
༡) བཟུང༌། ༢) གཟུང༌། ༣) འཛིན། ༤) ཟུངས།
བྱེད་འབྲེལ། ལེན་པ་དང་འཆར་བའི་དོན། ལག་ཏུ་འཛིན། དཔེ་ཆ་བློར་འཛིན། གཟུང་བྱ། འཛིན་བྱེད། བཟུང་ནས། ཟུངས་ཤིག་ལྟ་བུའོ།།
འཛུལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ནང་དུ་ཞུགས་པའི་དོན། བྱི་བ་ཁུང་ལ་འཛུལ། བཙན་འཛུལ་ལྟ་བུའོ།།
༡) འཛེགས། ༢) འཛེག ༣) འཛེག ༤) འཛེགས།
བྱེད་འབྲེལ། སྐས་སོགས་ལ་འཛེག་པའི་དོན། སྤྲེའུས་ཤིང་རྩེར་འཛེག ལ་ལ་འཛེགས་ནས། གྱེན་དུ་འགྲོ་བ་ལ་འཛེག་པ་ཟེར།
༡) བཟེད། ༢) འཛེད། ༣) ཟེད།
བྱེད་འབྲེལ། ཁ་ཡར་བསྟན་ནས་ལེན་པའི་དོན། སྣོད་དུ་འབྲུ་བཟེད། ཁུག་མའི་ཁ་ཟེད། ཉེས་རྡུང་བཟེད། ཕོར་བ་ཇ་འཛེད་བཞིན་ལྟ་བུའོ།།
༡) འཛེམས། ༢) གཟེམ། ༣) འཛེམ།
བྱེད་འབྲེལ། འཚེར་སྣང་བྱེད་པའི་དོན། དཀའ་ངལ་ལ་འཛེམས། ཉེས་པ་ལ་འཛེམ་དགོས། ཐུགས་འཛེམ་མ་གནང་ལྟ་བུའོ།།
འཛོམས། (གཟུགས་མི་འགྱུར་བ།)
བྱེད་མེད། ཚོགས་པའི་དོན། མཐུན་རྐྱེན་འཛོམས། མཉམ་འཛོམས་ལྟ་བུའོ།།
འཛོལ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འགལ་བའི་དོན། གསུངས་པ་དང་མ་འཛོལ་བ་དགོས། ལམ་འཛོལ་ལྟ་བུའོ།།
༡) བརྫིས། ༢) བརྫི། ༣) རྫི། ༤) རྫིས།
བྱེད་འབྲེལ། མར་མནན་པའི་དོན། གྲོ་ཞིབ་བརྫིས་ནས། རྡོག་རྫི་གཏོང༌། བརྫི་ཡོང་ལྟ་བུ་དང༌། རྫི་མ། རྫི་ཆར། རྫི་བོ་ལྟ་བུ་ཡོད།
༡) བརྫུས། ༢) བརྫུ། ༣) རྫུ། ༤) རྫུས།
བྱེད་འབྲེལ། མི་བདེན་པར་བྱེད་པའི་དོན། བོད་མི་བརྫུས་ཏེ་འོང༌། རྫུ་འཕྲུལ། རྫུ་མཁན། བརྫུ་དགོས། བརྫུས་ནས་ལྟ་བུ། བྱེད་མེད་ལས་ཚིག་ཡིན་གསུངས་པའང་འདུག
༡) བརྫེས། ༢) བརྫེ། ༣) རྫེ། ༤) རྫེས།
བྱེད་འབྲེལ། གོས་སོགས་ཡར་རྫེ་བའི་དོན། ཕུ་ཐུང་ཡར་བརྫེས་ནས་གོས་ཀྱི་ཐུ་བ་བརྫེས་ནས་ཆུ་རྒལ། རྫེའུ་ནི་སྣོད་ཆུང་ཡིན།
༡) བརྫད། ༢) བརྫད། ༣) རྫོད། ༤) རྫོད།
བྱེད་འབྲེལ། སྐྱོན་ལྷད་གཏོང་བའི་དོན། བླ་མའི་མིང་མ་རྫེད། དགེ་རྒན་གྱི་མིང་བརྫད་སོང་ལྟ་བུ་མིང་ཆད་བཟོ་བའི་དོན་ནོ།།
རྫོགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཆ་ཚང་བའི་དོན། ཚད་རྫོགས། རྫོགས་སོ། ལྟ་བུའོ།།
༡) བརྫངས། ༢) བརྫང༌། ༣) རྫོང༌། ༤) རྫོངས།
བྱེད་འབྲེལ། གཏོང་བ་དང་བཀང་བ་བཅས་ཀྱི་དོན། སྣོད་དུ་བརྫངས། མནའ་མ་རྫོངས་ཤིག བང་ཆེན་བརྫངས་ལྟ་བུའོ།།
༡) བརྫབས། ༢) བརྫབ། ༣) རྫོབ། ༤) རྫོབས།
བྱེད་འབྲེལ། སྣོད་གཅིག་ནས་གཅིག་ཏུ་རྫོབས་ལྟ་བུ་བླུག་པའི་དོན་དང༌། ཀུན་རྫོབ་ལྟ་བུ་སྒྲིབ་བྱེད་ལའང་གོ། དེའི་ཁར་འདི་བརྫབས་ལྟ་བུའོ།།