ཟླ་རེའི་གསར་འགྱུར།

གསར་གནས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ལས་རིམ་ལེགས་གྲུབ་ཟིན་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག  ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་། བྱང་ཕྱོགས་ཁུལ་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན།

བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།

༄༅། །བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ནས་ཟླ་ ༡༠ ཚེས་ ༡…

ཐ་སྙད་གོ་རྟོགས་ཀྱི་ལས་གཞི་སྤེལ་བ།

Awareness Programs on Tibetan Terminology at Tibetan Settlements in Central India
༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༦ ནས་ ༢༦ བར་འདི་ག་ཤེས་རིག་བརྡ་ཆད་ཚན་པས་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་།…

བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དབུ་འཛུགས་གནང་བ།

Northe-East Cluster Schools Dialectic Meet Opening Ceremony
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ནས་ཟླ་བ་ ༡༠ ཚེས་ ༡…

པཱ་ལམ་པུར་དུ་ཉིན་ལྔའི་རིང་ཚན་རིག་བརྟག་དཔྱད་ཁང་གི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་པཱ་ལམ་པུར་ཚན་རིག་ལྟེ་གནས་ཁང་གཉིས་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༦ ནས་ ༢༠ བར་སློབ་གྲྭའི་ཚན་རིག་བརྟག་དཔྱད་ཁང་གི་དོ་དམ་དགེ་རྒན་རྣམས་ལ་ནུས་པ་གོང་འཕེལ་གྱི་ཉིན་ལྔའི་རིང་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད།

ཤེས་རིག་གི་དྲྭ་ཚིགས་གཞན།

||      གསལ་བསྒྲགས།